作明佛母修法
༄༅།། རིག་བྱེད་དབང་མོའི་སྒྲུབ་ཐབས།
法王晋美彭措·取伏藏
索达吉堪布·翻译
༄༅།།ན་མོ་གུ་རུ་དེ་ཝ་ཌཱཀྐི་ཡེ།
顶礼上师作明空行!
རང་བྱུང་པདྨ་རྒྱལ་པོ་ངས། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད། །བསྐྱེད་རྫོགས་རྫོགས་ཆེན་ཆོས་ཀྱི་སྐོར། །ཤིན་ཏུ་བསྡུས་པའི་ཏི་ལ་ཀ །བཀྲ་ཤིས་དུང་གི་གཟུགས་འཆང་བའི། །རྡོ་སྒྲོམ་ཟུང་གི་དཀྱིལ་དུ་སྦས། །མཚོ་རྒྱལ་ཁྱོད་ཀྱི་ལག་ཏུ་གཏད། །ཕྱིས་འབྱུང་དུས་ཀྱི་ཐ་མ་ལ། །ཁོ་བོའི་སྙིང་གི་བུ་མཆོག་གང་། །ཏི་སྒྲོ་མཁའ་འགྲོའི་འདུ་གནས་དང་། །མཆིམས་ཕུ་རིག་འཛིན་བཞུགས་གནས་སུ། །བརྟུལ་ཞུགས་སྤྱོད་པས་ཐོན་སྐབས་སུ། །མ་འཛོལ་ལག་ཏུ་འཕྲོད་པར་གྱིས། །ས་མ་ཡ།
自然莲王我,经教窍诀髓,
生圆大圆满,摄集之明点,
吉祥海螺形,双石箧中藏。
交汝措嘉手,未来之末时,
吾之胜心子,德珠空行聚,
青普持明处,以禁行至时,
无误交手中。萨玛雅!
དེ་ལ་འདིར་ཏི་སྒྲོའི་ཆོས་སྐོར་གྱི་སྒོ་འབྱེད་
རིག་བྱེད་དབང་མོའི་སྒྲུབ་ཐབས་ལ།
于此开启德珠法门·作明佛母修法
དང་པོ།སྐྱབས་འགྲོ་སེམས་བསྐྱེད་ནི།
首先皈依发心:
ན་མོ།
纳摩 南无
འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །
德内香且酿波其杰瓦 从今直至菩提果,
འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །
崩茶宽珠措拉嘉森且 皈依十万空行众,
སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་ཚོགས་ཀུན། །
德锕江措向沃卓措根 发心令沉苦海中,
གཏན་བདེའི་ས་ལ་འགོད་པར་སེམས་བསྐྱེད་དོ། །
丹迪萨拉果巴森洁多 众生安置永乐地。
བགེགས་བསལ་སྲུང་འཁོར་བསྒོམ་པ་ནི།
除魔修护轮:
ཧྲཱིཿ
舍 舍
གང་སྣང་བདེ་སྟོང་ཡེ་ཤེས་རོལ་པ་ལ། །
刚囊得东耶希若巴拉 诸现空乐智游舞,
མ་དག་བགེགས་ཞེས་བྱ་བའི་མིང་ཡང་མེད། །
玛达嘎义夏沃芒扬美 不净魔障名亦无,
སྣང་སྲིད་འོད་དམར་ཀློང་དུ་བཞུས་པ་ཡིས། །
囊哲奥玛龙德以巴义 现有化为红光界,
བདེ་ཆེན་འཕོ་མེད་ཀློང་དུ་མཚམས་གཅད་དོ། །
得钦颇美龙德灿加多 无变大乐作结界。
བྱིན་དབབ་ནི།
祈降加持:
ཧྲཱིཿ
舍 舍
གནས་ཡུལ་དུར་ཁྲོད་དག་པའི་ཞིང་ཁམས་ནས། །
内耶德绰达波样康内 处境尸林净土中,
རྡུལ་སྙེད་མཁའ་འགྲོའི་འདུ་བ་དབྱིངས་ནས་བཞེངས། །
德涅宽珠德瓦央内样 起现尘数空行众,
སྐལ་ལྡན་ལུས་ངག་ཡིད་ཀྱི་སྣང་ཆ་ཀུན། །
嘎丹利锕叶杰囊恰根 有缘身语意现分,
བདེ་སྟོང་དབྱེར་མེད་མཆོག་གི་བྱིན་ཕོབ་ཅིག །
得东耶美窍格辛颇结 加持空乐胜无别。
ཨོཾ་ཀུ་རུ་ཀུལླེ་ས་པ་རཱི་ཝ་ར་ཨ་ཝེ་ཤ་ཡ་ཛ་ཛཿཕེཾ་ཕེཾ་ཏིཥྛ་ལྷན།
嗡革热革乐萨巴热瓦绕 阿卫夏雅匝匝喷喷地叉蓝
མཆོད་རྫས་བྱིན་བརླབ་ནི།
加持供品:
ཧྲཱིཿ
舍 舍
དབང་ཤེས་ཡུལ་གྱིས་བསྡུས་པའི་ཆོས་སོ་ཅོག །
旺希耶基迪波秋所觉 根识境摄一切法,
འཁོར་འདས་མཉམ་ཉིད་ཀུན་བཟང་མཆོདཔའི་སྤྲིན། །
括迪年涅根让窍波阵 轮涅等性普贤供,
མུ་མེད་སྲིད་ཞིའི་ཁྱོན་ཀུན་ཡོངས་ཁྱབ་པ། །
么美哲伊群根永恰巴 周遍无边有寂界,
མཆོད་ཡུལ་ལྷ་རྣམས་མཉེས་པའི་དཔྱིད་དུ་གྱུར། །
窍耶拉南尼波些德杰 令供养境本尊喜。
བཛྲ་སྥ་ར་ཎ་ཁཾ།
班匝萨帕Ra纳康
དངོས་གཞི་ལྷ་བསྐྱེད་ནི།
正行观起本尊:
ཨ།
阿 阿
ཆོས་ཀུན་འོད་གསལ་ཀ་དག་ངང་ཉིད་ལས། །
秋根奥萨嘎达昂涅类 诸法光明本净自性中,
རང་སྣང་རྣམ་དག་བདེ་ཆེན་ཌཱཀྐིའི་དལ། །
让囊南达得钦札给达 自现清净大乐空行坛,
རང་རིག་ཧྲཱིཿཡིག་དམར་གསལ་ལམ་མེ་བ། །
让热舍叶玛萨蓝美瓦 自证红色舍字明灿然,
འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །
奥触敦尼虚内策迪巴 放光行持二利复回收。
རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །
嘉根所所多波耶希格 一切佛陀妙观察智身,
བཅོམ་ལྡན་རིག་བྱེད་དབང་མོ་ལོངས་སྐུའི་ཆས། །
炯丹热学旺摩隆给其 有坏作明佛母报身装,
ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས། །
压结夏尼额巴大耶刚 一面二臂挽青莲弓箭,
ཞབས་གཉིས་བརྐྱང་བསྐུམ་པད་ཉིའི་གདན་ལ་རོལ། །
压尼江更巴尼丹拉若 双足伸屈游舞莲日垫,
འཁོར་དུ་ཞིང་སྔགས་ལྷན་སྐྱེས་ཌཱཀྐིའི་ཚོགས། །
括德样锕篮基札给措 眷属刹生俱生空行众,
ཉི་ཟེར་རྡུལ་ལྟར་རང་སྣང་རྒྱན་དུ་ཤར། །
涅热德达让囊坚德夏 如日光尘自现显庄严。
སྤྱན་འདྲེན་ནི།
迎请:
ཧྲཱིཿ
舍 舍
བདེ་ཆེན་དབང་གི་ཕོ་བྲང་འོད་འབར་ནས། །
得钦旺格颇庄奥巴内 大乐光灿怀业宫,
རྡུལ་སྙེད་མཁའ་འགྲོ་གཙོ་དང་འཁོར་ཚོགས་བཅས། །
德涅宽卓作当括措吉 尘数空行主眷众,
དབང་གི་ལས་རྣམས་བདེ་བླག་བསྒྲུབ་ཕྱིར་དུ། །
旺格类南得拉哲穴德 为易成办诸怀业,
མ་ཐོགས་ཐུགས་རྗེའི་སྟོབས་ཀྱིས་གནས་འདིར་གཤེགས། །
玛托特吉多基内德夏 无碍大悲临此处。
བཛྲ་ས་མ་ཡཱ་ཛཿ
班则萨玛雅匝
བཞུགས་སུ་གསོལ་བ་ནི།
祈请安住:
ཧྲཱིཿ
舍 舍
དབྱིངས་ལས་རང་ཤར་ཡེ་ཤེས་ལྷ་ཡི་ཚོགས། །
央类让夏耶希拉叶措 法界自现智尊众,
ཏིང་འཛིན་རྩེ་གཅིག་སྒྲུབ་པའི་དམ་ཚིག་པར། །
当怎贼结哲波丹策巴 成一缘定誓言中,
ཇི་ལྟར་ཆུ་ལ་ཆུ་བཞག་ཇི་བཞིན་དུ། །
结达且拉且压结银德 祈请犹如水融水,
དབྱེར་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ། །
耶美若结丹巴犹色所 无别一味而安住。
ཏིཥྛ་ལྷན།
地叉蓝
མཆོད་པ་འབུལ་བ་ནི།
供养:
ཧྲཱིཿ
舍 舍
མཁའ་དབྱིངས་ཀུན་ཁྱབ་ཀུན་བཟང་མཆོད་པའི་སྤྲིན། །
跨央根恰根让窍波阵 周遍虚空普贤供,
ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པ་དང་། །
秋涅拉呢秋涅腾巴当 是以法性融法性,
ལྷ་ལ་ལྷ་ཐིམ་ངང་དུ་འབུལ་ལགས་ན། །
拉拉拉腾昂德钵拉纳 本尊融入本尊供,
འཁོར་འདས་དབང་དུ་འདུ་བའི་དངོས་གྲུབ་སྩོལ། །
括迪旺德德沃乌哲作 赐驾轮涅之悉地。
མ་ཧཱ་པཱུ་ཙ་ཁཱ་ཧཱི།
玛哈布匝卡呵
བསྟོད་པ་ནི།
赞颂:
ཧྲཱིཿ
舍 舍
སོར་རྟོག་ཡེ་ཤེས་མཛེས་སྡུག་ལང་ཚོར་འཕོས། །
所多耶希贼德朗措扑 妙观察智美韶华,
འཇམ་མཉེན་པད་མའི་མདའ་ཡིས་སྲིད་གསུམ་འབིགས། །
蒋您巴么大义哲僧波 柔软莲箭穿三有,
ཆགས་པའི་ཟོལ་གྱིས་ཆགས་ཅན་བདེ་བར་ཁྲིད། །
恰波若基恰坚得瓦彻 贪相引领贪者乐,
འཕགས་བཞི་བསྐྱེད་ཡུམ་རིག་བྱེད་དབང་མོར་བསྟོད། །
帕伊洁阴热学旺摩多 赞生四圣作明母。
བཟླས་པ་བྱ་བ་ནི།
诵咒:
ཐུགས་ཀར་ཉི་སྟེང་ཧྲཱིཿལ་སྔགས་ཀྱིས་བསྐོར། །
特嘎涅当舍拉锕基果 心间日上舍咒绕,
འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །
奥触帕窍卓根哲尼样 放光供圣净二障,
ཐམས་ཅད་བདེ་སྟོང་འོད་དམར་ཀློང་དུ་ཞུ། །
坛加得东奥玛龙德犹 皆化空乐红光界,
རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ། །
让拉腾贝窍腾乌哲托 融自得胜共悉地。
ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ།
嗡革热革累舍索哈
བརྒྱ་སྟོང་ཁྲི་འབུམ་བཟླས་པ་ཡིས། །
དབང་གི་ལས་རྣམས་ཀུན་འགྲུབ་ཅིང་། །
སྐུ་བཞི་ཐོབ་བོ་ས་མ་ཡ། །
持诵百千万十万,成就一切诸怀业,
获得四身萨玛雅。
ཚོགས་བྱིན་བརླབ་ནི།
加持会供:
ཧྲཱིཿ
舍 舍
ཨེ་ཡིག་སྟོང་ཆེན་དབྱིངས་ཀྱི་ཀ་པ་ལཱར། །
哎叶东钦央杰嘎巴拉 诶字大乐法界颅器中,
ཝཾ་ཡིག་འཁོར་འདས་ཆོས་ཀུན་ཚོགས་སུ་བཤམས། །
旺叶括迪秋根措色香 旺字陈设轮涅一切法,
བདེ་ཆེན་འཕོ་འགྱུར་མེད་པར་བྱིན་གྱིས་བརླབས། །
得钦颇杰美巴辛基拉 加持无有迁变大乐性,
མཆོད་ཡུལ་ལྷ་རྣམས་དགྱེས་པའི་སྤྲིན་དུ་གྱུར། །
窍耶拉南基波阵德杰 成为供境本尊欢喜云。
ནམ་མཁའ་མཛོད་སྔགས།
虚空藏咒:
ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁཾ་བྷྱཿ སརྦ་ཏད་ཁཾ་ཨུངྒ་
ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ
纳美萨儿瓦达塔嘎达 巴哟波效么康贝 萨儿瓦达康额嘎得萨帕Ra纳额芒嘎嘎纳康娑哈
ཚོགས་མཆོད་ནི།
会供:
ཧྲཱིཿ
舍 舍
ཕྱི་ལྟར་བཟའ་བཅའ་བཏུང་བ་དམ་ཚིག་རྫས། །
学达Ra加洞瓦丹策贼 外之饮食誓言物,
ནང་ལྟར་ཁ་སྦྱོར་བདེ་སྟོང་གླུ་གར་དང་། །
囊达卡哟得东勒嘎当 内合空乐之歌舞,
གསང་བ་རིག་སྟོང་རྫོགས་པ་ཆེན་པོ་ཡི། །
桑瓦热东作巴钦波叶 密之觉空大圆满,
ཚོགས་མཆོད་འབུལ་ལོ་ཐུགས་དམ་སྐོང་གྱུར་ཅིག །
措窍钵洛特丹贡杰结 奉上会供令满愿。
ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི།
嘎那匝札布匝卡呵
དགེ་བསྔོ་ནི།
回向善根:
དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་མཐུས། །
给瓦迪存迪僧拉虚提 以此为主三时善根力,
བདེན་གཉིས་དབྱེར་མེད་ལྷན་སྐྱེས་ཌཱཀྐིའི་ནཱིའི། །
定尼耶美篮基札格尼 今生现前二谛无有别,
གོ་འཕང་ཚེ་འདི་ཉིད་ལ་མངོན་གྱུར་ནས། །
果旁才德涅拉温杰内 俱生空行母之果位已,
ཕྲིན་ལས་རྣམ་བཞིས་འགྲོ་ཀུན་འདྲེན་པར་ཤོག །
陈类南以卓根珍巴效 以四事业引导诸群生。
བཀྲ་ཤིས་བརྗོད་པ་ནི།
诵吉祥文:
ཧོ།
吙 吙
རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར། །
南塔僧丹多杰怎木卡 具三解脱金刚尊母界,
གཉིས་སྣང་རྟོག་པའི་རྒྱུ་བ་མཐའ་དག་ཤི །
尼囊多波杰瓦塔达协 二现分别运行悉皆灭,
གསང་གསུམ་རྟག་ཁྱབ་ལྷུན་གྲུབ་རོལ་པ་ཡི། །
桑僧达恰楞哲若巴叶 三密恒常周遍任运化,
དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག །
给拉囊威萨僧恰巴效 善妙光芒遍布于三地。
ཅེས་སོགས་མཐའ་རྒྱས་སུ་བྱའོ།།
广作此等结行。
རྡོ་སྒྲོམ་དུང་གི་དབྱིབས་ཅན་གྱི་ནང་བཅུད་དངོས་སུ་འདོན་པའི་དུས་ལ་བབ་པ་མིན་ཡང་གཏེར་ཕུད་འདི་ཙམ་སྤེལ་ནའང་བསྟན་འཛིན་དུ་མའི་ཐུགས་བཞེད་བདེ་བླག་ཏུ་འགྲུབ་ཅིང་རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི་སྣང་བ་རྒྱ་ཆེར་རྒྱས་པ་སོགས་དགོས་པ་དུ་མ་མཐོང་ནས་ཨ་བྷྱ་ལཀྵཾ་ཀ་རས་གཏེར་མིན་བརྩམས་མིན་དུ་བྲིས་པ་དགེ།
螺形石箧之内精髓,虽然真实开取时机未到,但仅写此伏藏献新,也能顺利成办诸多持教大德心愿,并使国泰民安、繁荣昌盛,见有此等众多必要,阿白拉江嘎绕以非伏藏非撰著方式而写。善哉!