喇荣课诵·序
སྔོན་འགྲོའི་གཏམ།
བོད་རྒྱ་ཤན་སྦྱར་གྱི་བླ་རུང་ཞལ་འདོན་ཕྱོགས་བསྒྲིགས་འདི་ནི། ནང་ཆོས་ཀྱི་རྒྱུན་འདོན་རྣམས་བོད་སྐད་མི་ཤེས་ཀྱང་བོད་སྐད་ཀྱི་ལམ་ནས་ཆོ་ག་འདོན་པར་མོས་པ་རྣམས་ལ་ཆེད་དུ་དམིགས་པ་ཞིག་ཡིན། དེབ་འདིར་བླ་རུང་ཆོས་སྒར་གྱི་བོད་ཡིག་ཞལ་འདོན་རྣམས་རྨང་གཞིར་བཀོད་དེ་འདོན་ཆོག་རེ་རེའི་སྒྲ་དང་དོན་གཉིས་ཀ་རྒྱ་ཡིག་ཏུ་བསྒྱུར་ནས་སྒྲིག་སྦྱོར་བྱས་ཡོད།
དེ་སྔོན་བླ་རུང་ཞལ་འདོན་ལ་པར་གཞི་མང་དུ་བྱུང་བས། ཕན་ཚུན་གྱི་ནང་དོན་མི་གཅིག་པར་མ་ཟད། སྒྱུར་མཁན་མི་གསལ་བ་དང་སྒྲ་གདངས་སྔ་ཕྱི་མི་འདྲ་བ་སོགས་ཀྱིས་འདོན་པ་པོ་རྣམས་ལ་སྟབས་མི་བདེ་བར་གྱུར་པས། ཉེ་ཆར་མཆེད་གྲོགས་འགའ་ཡིས་ཡང་ཡང་བསྐུལ་ངོར། བདག་གིས་དེབ་འདི་སླར་ཡང་གསར་བསྒྲིགས་བྱས་པ་ཡིན། དེའང་བླ་མ་ཡིད་བཞིན་ནོར་བུ་ཞལ་བཞུགས་དུས་ཀྱི་སྲོལ་རྒྱུན་འདོན་ཆོག་རྣམས་གཞིར་བཞག་ཐོག གོ་རིམ་འཁྲུགས་པ་རྣམས་བསྡེབས་ཤིང་ཆད་པ་རྣམས་གསོས་ཏེ། སྔོན་གྱི་རྒྱ་སྐད་ཀྱི་སྒྲ་གདངས་གཞིར་བཞག་སྟེང་། འགའ་ཞིག་ལེགས་བཅོས་དང་གཅིག་གྱུར་བྱས་ལ། མདོ་རེ་འགའ་མ་གཏོགས་ནང་དོན་གཞན་ཚང་མ་གསར་དུ་བསྒྱུར་བ་ཡིན།
ཞལ་འདོན་འདི་ཉིད་ཆོས་ཁྲིད་སྐབས་ཀྱི་འདོན་ཆོག་དང་། སྐུ་རིམ། གསོལ་ཁ། ཉེར་མཁོ། སྨོན་ལམ་བཅས་སྐོར་ལྔ་རུ་ཕྱེས་ཏེ་བསྒྲིགས་ཡོད། སྒྲ་གདངས་ནི་མདོ་དབུས་ཁམས་གསུམ་ལས་བླ་རུང་གི་གཙོ་རྒྱུན་བོད་སྐད་དེ་ཨ་མདོའི་སྐད་གཞིར་བྱས་པ་ཡིན་ལ། བོད་ཡིག་གི་མ་དཔེ་སྡེ་དགེའི་པར་མ་གཙོར་བྱས་ནས་བཀོད་ཡོད། དེབ་འདི་ལེགས་འགྲུབ་ཡོང་ཕྱིར། བདག་གིས་དཔྱད་གཞིའི་ཡིག་ཆ་འཚོལ་ཞིབ་དང་ཡིག་བསྒྱུར། ཞུ་དག་སོགས་ཀྱི་སྐོར་ལ་གཟབ་ནན་བགྱིས་ཡོད་ཀྱང་། སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཡོད་སྲིད་པས་ལེགས་བཅོས་དང་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན།
འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་གོང་མ་དག་གི་བདེན་ཚིག་གྲུབ་པའི་གསུང་ཤ་སྟག་ཡིན་པས། བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན། དེ་བས་ཆོས་ཉམས་སུ་ལེན་པའི་གང་ཟག་ཅིག་ལ་མཚོན་ན། རྟག་ཏུ་བསྙེན་སྒྲུབ་ལ་འབད་པ་ནི་ཧ་ཅང་གལ་ཆེ་སྟེ། རང་ཉིད་ཀྱི་ཚོགས་རྫོགས་ཤིང་སྒྲིབ་པ་དག་པ་དང་། གཞན་གྱི་རྐྱེན་ངན་བར་ཆད་སེལ་ཞིང་ཚེ་བསོད་གོང་དུ་འཕེལ་བ། ཕྱི་མར་ཡང་ཐར་བ་ཐོབ་པའི་དོན་འབྲས་ལྡན་པའི་ཕྱིར་ན། འདི་ལྟ་བུའི་ཆོས་ཟབ་མོ་དང་འཕྲད་པ་ནི། ཆེས་བསོད་ནམས་དང་ལྡན་ཞིང་སྐལ་བ་བཟང་པོ་ཡིན་པས། ཐམས་ཅད་ཀྱིས་དགའ་བ་དང་གུས་པའི་སྒོ་ནས་ཅི་ནུས་སུ་བསྙེན་སྒྲུབ་ལ་གཞོལ་བར་བྱའོ། །
ཞེས་བསོད་དར་རྒྱས་ཀྱིས་ཕྱི་ལོ་༢༠༢༢ལོའི་ཟླ་༡༢ཚེས་༡༦ཉིན་དབེན་གནས་གཡུ་ལོ་བཀོད་པའི་དགའ་ཚལ་དུ་བྲིས་པ་དགེའོ། །
序
《喇荣课诵集》是藏汉双语的佛教念诵集,主要是为了方便不懂藏语、又想念藏语仪轨的人。书中收录了喇荣常用的藏语诵经仪轨,并标注了每句仪轨的汉语注音和汉文意思。
多年来,《喇荣课诵集》版本不一,不仅内容不同,而且有些仪轨的译者不详,有些发音前后用词不一致,给很多念诵者带来不便和困惑。
在道友们的再三恳求下,我这次重新编译了这本书:按照大恩上师如意宝在世时的传统,调整了各种仪轨的念诵顺序,补充了之前缺漏的部分;在尊重以前版本发音的基础上,改进了一些错误和不一致的地方;除了一些佛经,其他内容都进行了重译。
为了便于大家阅读,本书分为五类:“法堂课诵类”,是讲经说法时的课前课后念诵;“佛事类”,是每天中午和下午僧众为信众做佛事的诵经;“护法类”,是喇荣在举行法会、会供等活动时祈祷护法的仪轨;“常用念诵类”,是不定期念诵的仪轨,如每月三十日超度的佛海观音法门、会供念诵的全套仪轨;“愿文类”,是在不同场合经常念诵的发愿回向文。
藏语有安多语、卫藏语、康区语三种读音,本书的注音是根据喇荣常用的安多语。大部分仪轨的内容,都是基于德格版本。虽然我花了大量时间查阅、翻译、校对,但由于能力有限,难免会有错误之处,请大家谅解并予以斧正。
这本书全是诸佛菩萨、前辈大德的谛实语,加持力不可思议。对每个修行人来说,经常念诵是很重要的,依此可以积资净障,帮助他人消灾延寿。遇到这些念诵文,需要极大的福报,希望大家带着欢喜心、恭敬心尽力念诵观修!
索达吉
2022年12月16日
དཀར་ཆག
目录