格萨尔王等护法供
(一)
སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ། །
格萨尔王供
——事业自成
ཇ་ཆང་བ་ལིང་སོགས་བཤམ་ཞིང་བྱིན་གྱིས་བརླབས་ནས་འདི་སྐད་དོ། །
陈设茶、酒、食子等供品,加持后念诵此咒:
ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
那美萨儿瓦达塔嘎达 巴哟波秀么剋贝 萨儿瓦达康额嘎得 萨帕Ra那额芒嘎嘎那康索哈
ཧཱུྃ་ཧྲཱིཿ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །
吽舍 杰荣珍布仲切华杰热
吽舍 罗刹怖城吉祥山
སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །
格森嘉沃样堪巴玛哦
三身佛国莲花光
དམར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང༌། །
玛那美宏彻巴扎布样
黑红熊熊烈火刹
ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང༌། །
囊达多杰利杰则第仲
内为金刚身心城
རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །
仁增华沃夸珠颇庄内
持明勇士空行宫
སྲིད་ཞི་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །
哲耶年涅耶西多吉格
有寂等智金刚身
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེའི། །
Ra坚嘉沃协热措吉吉
浩瀚佛集莲师尊
ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགས། །
特吉匝囊杰玛若波热
大悲力现幻化相
རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་དང་བཅས། །
那久哲巴颇姆措当具
男女瑜伽成就众
མོས་ལྡན་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར། །
木丹沃拉辛吉拉波协
是为加持具信子
བརྟུལ་ཞུགས་རྡོ་རྗེའི་གར་གྱིས་མཁའ་ལམ་ནས། །
德耶多吉嘎吉夸兰内
禁行金刚舞空中
བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་པ། །
敦德扎拉卫美格样巴
起现降魔战神身
རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །
仁增钦波赞朗坚巧匝
赡洲庄严大持明
ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །
西RaRa哲达益彻括吉
以慧剑弓矢幻轮
སྲིད་པའི་དགྲ་སྡེ་འཇོམས་པའི་མཐུ་བོ་ཆེ། །
哲波扎得炯波特沃切
摧伏世敌大力神
སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང༌། །
吉巧桑钦诺沃格括宏
胜士格萨尔君臣
མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །
玛利括当具巴檀嘉根
及诸无余眷属众
དཔའ་བའི་ཀི་བསོ་ཆ་སྒྲ་འབྲུག་ལྟར་སྒྲོག །
华沃格索恰扎哲达卓
英勇呐喊如雷鸣
དགེ་མཚན་སྙན་པའི་བ་དན་མཁའ་ལ་ཕྱར། །
给灿年波瓦丹夸拉夏
美名风幡飘空中
རྡོ་རྗེའི་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །
多吉达巧云波卓嘎吉
乘骑金刚骏马舞
བར་ཆད་དམ་སྲིའི་སྲོག་སྙིང་ཚལ་བར་འགེམ། །
瓦恰丹这卓酿擦瓦根
摧碎毁誓鬼命心
བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབས། །
辛拉珍彻悟哲恰晋贝
加持云降悉地雨
སྐལ་ལྡན་བདག་གིས་མཆོད་ཅིང་མངའ་གསོལ་ན། །
嘎丹达给秋江阿索那
具缘者我供祈祷
ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །
托美特吉旺给德夏拉
无碍大悲临此处
བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །
德则华晋颇杰秋巴益
享受甘露献新供
བཅུད་ལྡན་ཡིད་བཞིན་གཏོར་མའི་མཆོད་པ་བཞེས། །
杰丹耶印多美秋巴益
享受如意精食供
ཁྲག་ཆང་མྱོས་བྱེད་ཨརྒྷཾ་མཆོད་པ་བཞེས། །
叉强纽协阿刚秋巴益
享受血酒净水供
འོད་གསལ་དྲི་ཞིམ་བསང་གི་མཆོད་པ་བཞེས། །
哦萨哲印桑格秋巴益
享受光明熏香供
དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །
达那瓦丹若木秋巴益
享受丝幡乐音供
བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །
得东年农桑沃秋巴益
享受乐空受密供
སྣང་སྲིད་གཞིར་བཞེངས་མདོས་ཀྱི་མཆོད་པ་བཞེས། །
囊哲耶样度杰秋巴益
享受现有基现供
ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །
檀嘉年涅耶西秋巴益
享受等性智慧供
ཐུགས་རྗེས་དགོངས་ཤིག་སེང་ཆེན་རིན་པོ་ཆེ། །
特吉贡西桑钦仁波切
请格萨王悲垂念
དམ་བཅའ་མ་གཡེལ་རིགས་གསུམ་སྤྲུལ་པའི་སྐུ། །
丹嘉玛耶热森哲波格
三怙化身勿失誓
དེང་ནས་བྱང་ཆུབ་བར་དུ་མི་འབྲལ་བར། །
当内香确瓦德门抓瓦
今至菩提不分离
སྲུང་སྐྱོབ་བྱིན་གྱིས་རློབས་ལ་ཕྲིན་ལས་སྒྲུབས། །
仲久辛吉洛拉陈类哲
守护加持成事业
ཁྱོད་ནི་སྙིང་རྗེ་མཆོག་གི་རང་བཞིན་ཏེ། །
秋呢酿杰巧格让印得
汝乃殊胜大悲体
ཐུགས་རྗེ་ཆེན་པོའི་མཚོན་ཆེན་རྣམ་པར་འཆང༌། །
特杰钦布村钦南巴强
执持大悲巨兵刃
བདུད་ཀྱི་དཔུང་རྣམས་འདུལ་ལ་མཆོག་ཏུ་གྱུར། །
德杰宏南德拉巧德杰
调伏魔军堪为最
བདུད་བཞིའི་འཇིགས་པ་མཐའ་དག་ཁྱོད་ཀྱིས་སོལ། །
德益杰巴塔达秋吉索
遣除四魔诸怖畏
མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུངས་ལ། །
钦Ra贡波隆内匝雄拉
智慧境界现妙力
སྐལ་ལྡན་སྙིང་གི་དབུས་སུ་བྱིན་ཆེན་ཕོབ། །
嘎丹酿格卫色辛钦颇
大加持降有缘心
རྩ་རླུང་རིག་ཁམས་ཡེ་ཤེས་རྩིས་ཐོབ་ལ། །
匝隆热堪耶西贼托拉
风脉明点智印持
གང་བྱས་བྱང་ཆུབ་ལམ་དུ་སྒྱུར་བར་མཛོད། །
刚旭香确兰德杰瓦作
所作转成菩提道
བདུད་འདུལ་དྲག་པོ་སྔགས་ཀྱི་གཟི་འབར་ཞིང༌། །
敦德扎波阿杰热巴样
伏魔猛咒之声威
སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར་བ་ཡི། །
杰给木囊秋拉杰瓦耶
众生信乐趋正法
ཚར་གཅོད་རྗེས་སུ་བཟུང་བའི་ཕྲིན་ལས་ལ། །
擦久吉色荣沃陈类拉
愿赐惩摄诸事业
དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །
旺久特多尼波悟哲作
自在威力胜悉地
སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །
酿嘎华杰卫诶桑作
内心间密藏吉祥结
གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ཕྱེས། །
荣波洛珠诺卫得果西
开总持辩智藏门
གཞན་ཕན་མཁའ་དང་མཉམ་པའི་ཕྲིན་ལས་ཀྱིས། །
严攀夸当年波陈类吉
依等虚空利他业
དོན་གཉིས་ཡིད་བཞིན་གྲུབ་པར་མཛད་དུ་གསོལ། །
敦尼耶印哲巴匝德索
自他二利如意成
བྱང་ཆུབ་སེམས་ལྡན་ཀུན་བཟང་སྤྱོད་པ་ཡིས། །
香确森丹根让秀巴益
具菩提心普贤行
ཟབ་མོ་རྡོ་རྗེའི་ཐེག་མཆོག་ལ་གནས་ནས། །
Ra莫多吉特巧拉内内
安住胜深金刚乘
ས་ལམ་མངོན་པར་རྟོགས་པ་ཆེར་འཕེལ་ཞིང༌། །
萨兰温巴多巴切佩样
现证地道极增上
མྱུར་དུ་རྣམ་གྲོལ་རྒྱལ་བའི་དབང་པོར་མཛོད། །
涅德南卓嘉沃旺波作
速疾解脱得成佛
ཅེས་པའང་ལྕགས་འབྲུག་ཟླ་༦ཚེས་༨ལ་མི་ཕམ་པས་གང་ཤར་བྲིས་པ་དགེ །
铁龙年六月初八,麦彭巴依心所现而造,善哉!
༄༅། །གེ་སར་གསོལ་བསྡུས།
格萨尔王略供
ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །
吽吽 样内特杰玛耶桑钦杰
吽吽 法界悲切格萨王
རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །
匝森根第诺沃扎德匝
集三根本伏敌宝
ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། །
秋炯扎拉卫美括当具
偕同护法战神眷
ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །
特杰特丹旺给德夏拉
以大悲誓降临此
དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །
丹贼德则多美秋巴益
享誓言物甘露食
སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །
哲波达灿悟色丹巴当
亲示修行之验相
རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །
瑞沃追沃耶印哲巴作
如意成办所求果
མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །
巧当吞蒙悟哲匝德索
赐予殊胜共悉地
ཨོཾ་མ་ཧཱ་སིངྷ་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་ཨེ་དམ་པ་ལིདྟ་ཁཱ་ཧཱི།
嗡玛哈桑哈 玛呢Ra匝 萨巴热瓦Ra 诶丹巴朗达卡呵
དྷཱིཿ མིང་པས་སོ། ། 德名者(麦彭仁波切)造。
༈ ཀྱེཿ འདོད་དོན་ཀུན་སྒྲུབ་དགྲ་ལྷ་མཐུ་བོ་ཆེ། །
杰 多敦根哲扎拉特沃切
杰 义成战神大威力
རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །
热森巴美杰彻桑钦嘉
三部莲师化格萨
ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །
诺沃扎德瓜多颇Nia具
伏敌宝王使神前
གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །
索洛秋多三敦伦哲作
祈祷供养成心愿
སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་བིདྱ་དྷཱ་རའི་གསུང་བསྐུལ་བཞིན་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ་འཇམ་དཔལ་རྡོ་རྗེས་རྒྱལ་ཟླའི་ཚེས་བདུན་དགེ་བར་བྲིས་པ་འདིས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ལས་རྒྱལ་བར་གྱུར་ཅིག །
此文,应精进修行瑜伽自在者布雅达绕劝请,藏历十二月初七,文殊金刚(麦彭仁波切)于关房胜魔洲撰写。愿以此令修传教法如意宝克胜十方!
(二) 紫玛护法
༈ ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། །
舍 巴玛旺格瓜年特沃切
舍 听命莲师大力神
ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །
切赞扎波嘉波扬雷威
威猛之王扬雷威
ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པར་བཅས། །
则额玛波瓜括哲巴具
紫玛幻化眷众前
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །
索洛秋多久沃陈类作
祈祷供养成事业
མི་ཕམ་པས་སོ། ། 麦彭巴造。
(三) 丹玛护法
༈ འདན་མའི་གསོལ་བསྡུས།丹玛略祈祷文:
ཨོཾ་ཨཱཿ ཧཱུྃ།
嗡啊吽
嗡啊吽
འཇམ་དབྱངས་ཐུགས་སྤྲུལ་སེང་ཆེན་བཀའ་སྒྱུར་བློན། །
蒋扬特哲桑钦瓜杰伦
文殊意幻格萨王主臣
མངོན་ཤེས་ཐོགས་མེད་རྫུ་འཕྲུལ་དགྲ་བླའི་རྗེ། །
温西托美则彻扎类杰
神通神变无碍战神尊
འདན་མ་རིན་ཆེན་བསམ་འགྲུབ་འཁོར་དང་བཅས། །
丹玛仁钦三哲括当具
丹玛仁钦桑哲及眷众
གསོལ་ལོ་མཆོད་དོ་བསམ་དོན་མྱུར་འགྲུབ་མཛོད། །
索洛秋多三敦涅哲作
祈祷供养请速成心愿
ཅེས་པའང་ཨ་བྷྱས་སོ། ། 晋美彭措造。
(四) 丹哲护法
༈ འདན་སྲས་གསོལ་བསྡུས། 丹哲护法略供:
འཇམ་དབྱངས་ཐུགས་སྤྲུལ་སེང་ཆེན་རྒྱལ་ཚབ་མཆོག །
蒋扬特哲桑钦嘉擦巧
文殊意化格萨王补处
དཔའ་ཐུལ་ཡོངས་ཀྱི་གསང་གསུམ་གཅིག་འདུས་སྐུ། །
华特永杰桑森吉第格
一切勇士三密总集身
སྲས་ཆུང་གཡུ་འོད་འབུམ་མེ་འཁོར་བཅས་ལ། །
这琼耶哦本美括具拉
哲穹耶吾布美主眷前
གསོལ་ལོ་མཆོད་དོ་ལས་ཀུན་མྱུར་འགྲུབ་མཛོད། །
索洛秋多类根涅哲作
供养祈祷速成诸事业
ཅེས་པ་འདི་ཡང་རྒྱ་ནག་གླང་ཆེན་འགྱིངས་རི་ལ་འགྲོ་བའི་ལམ་བར་ནས་གུས་སློབ་ཚེ་དབང་རྒྱ་མཚོས་བསྐུལ་ངོར། རླངས་འཁོར་ནང་གློ་བུར་ཡིད་ལ་ཤར་བ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་པ་བསོད་ནམས་དར་རྒྱས་ཀྱིས་ཡི་གེར་བཀོད་པ་དགེའོ།། །།
此文,是去往汉地峨眉山途中经虔诚弟子才旺嘉措劝请,于车内顿现心中。阿旺罗珠宗美(法王晋美彭措)口述,索达吉立成文字,善哉!1997年9月24日
(五) 诶内财神母
༈ ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱ།
嗡阿嘎若 么康 萨儿瓦达儿玛囊 阿得呢班那 多达 嗡啊吽啪的索哈
བྷྱོཿ བསིལ་བ་ཚལ་དང་ཉེ་བའི་ཚན་དྷོ་ཧ༔
久 色瓦擦当涅沃灿多哈
久 清凉苑邻灿多哈
བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས༔
定抓门巴坚杰德绰内
离实黑暗尸林中
དཀོར་གྱི་བདག་མོ་རྡོ་རྗེ་ངེ་ནེ་མ༔
果杰达莫多杰诶内玛
金刚诶内财神母
འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔
德夏丹贼坚波朵玛益
临此享用誓物食
དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད༔
果南仲样贝沃陈类作
成办护增财事业
ཨོཾ་ར་ལི་པྲ་མ་ཡ་ཛཿ བྷ་ལིངྟ་ཁཱ་ཧི༔
嗡Ra勒抓玛雅匝 巴朗达卡呵
ཀརྨ་རཱ་ག་ཨ་སྱས་མཛད་པའོ། ། 噶玛乔美仁波切造。
(六) 土地神
༈ ཧཱུྃ། སྡེ་བརྒྱད་སྤྱི་དང་ཕྱོགས་འདི་རུ། །
吽 得嘉协当秀德热
吽 请总八部居此处
གནས་པའི་ཡུལ་ལྷ་གཞི་བདག་རྣམས། །
内波耶拉耶达南
一切境神土地神
འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས། །
德夏色晋秋巴益
临此享用神饮供
གེགས་ཞི་བསམ་དོན་ལྷུན་གྲུབ་མཛོད། །
嘎耶三敦伦哲作
息障意愿任运成
མི་ཕམ་པས་སོ། །麦彭巴造。